ཉན་ཅིག་མཉམ་རོགས་གཞོན་པ།།
གསན་ཅིག་ཆེ་གྲོགས་ཕོ་མོ་ཡོངས།།
རང་བློ་གྲོས་དམན་པའི་སློབ་ཕྲུག་གིས།།
ད་ད་རེས་ན་བུའི་ཀུན་དུས་ལུ།།
རང་སྙིང་ནས་ཤར་བའི་སྙན་རྩོམ་ཅིག།
ན་བུ་ལུ་བཤད་བར་བཅའ་འདི་ཡོད།།
རང་སྙིང་ནས་ཤར་བའི་སྙན་རྩོམ་འདི།།
བུ་རང་གི་ན་ལས་བཤད་པའི་ཚེ།།
སྟེང་ལྷ་དང་འོག་ཆོག་ཀླུའི་རྒྱལཔོ།།
བར་བསོད་ནམས་ཅན་གྱི་ཆེ་གྲོགས་ཡོངས།།
རྩོམ་འདི་ཡི་མཆོད་པ་བཞེས་ཅིག་གོ།
དུས་དལ་འབྱོར་མི་ལུས་ཐོབ་པའི་ཚེ།།
སེམས་མ་གཡེང་ངང་ལས་དམ་ཆོས་སྒྲུབ།།
ཚེས་ད་དང་ཕྱིར་ལུ་ཕན་པའི་ནོར།།
སྔོན་སངས་རྒྱས་ཞལ་ལས་གསུངས་ཏེ་ཡོད།
སྔོན་སློབ་གྲྭ་ནང་ལུ་སྡོད་པའི་རིང་།།
རང་བློ་སྟོབས་ཆུངམ་ལས་མནོ་མ་ཤེས།།
མཐའ་རང་ལུ་ཕན་ཕའི་ནོར་འདི་ཚུ།།
སློབ་དཔོན་གྱི་བཀའ་བཞིན་བསྒྲུབ་མ་ཚུགས།།
ད་མཐོ་རིམ་སློབ་གྲྭ་ལྷོད་པའི་ཚེ།།
མགུ་རྨོངས་ཏེ་མ་སྡོད་ཆག་དཔེ་གཟིགས།།
མཇུག་རང་ལུ་ཕན་པའི་ནོར་ཨིན་ཟེར།།
རོགས་མཁས་པ་རྣམས་ཀྱི་བཤད་དེ་ཡོད།
མཇུག་མ་འོངས་སློབ་དཔོན་འབད་བའི་ཚེ།།
ཁོང་སློབ་ཕྲུག་ཚུ་ལུ་ཕན་པའི་ནོར།།
དུས་ད་རེས་ང་གིས་ལྷབ་ཞིནམ་ལས།།
ངེའི་སློབ་ཕྲུག་ཡོངས་ལུ་བཤད་ནི་ཨིན།།